ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

来源:西藏日报编辑:2019-08-02

ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་དང་ཉེ་བཅར་དང་མང་ཚོགས་དང་ཉེ་བཅར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་གྲོང་ཚོར(གྲོང་ལྷན)ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་མ་ཟད། མང་ཚོགས་ལ་རང་འགུལ་ངང་ནག་གཤེད་ཕྱོགས་གཏོགས་དང་ཁྲིམས་འགལ་གྱི་རྩ་འཛུགས་དང་ཡོངས་སུ་བྲལ་ནས་ཆེད་དོན་འཐབ་རྩོད་ནང་ཧུར་ཐག་ཞུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།

གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་གིས་ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་ཞིབ་ཕྲ་བཟོ་བ་དང་གྲོང་ཚོར(གྲོང་ལྷན)མཐིལ་རྟོགས་དང་གྲལ་བཤེར་གྱི་ལས་དོན་སྤེལ་རོགས་ཧུར་ཐག་བྱས་ཏེ་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་བྱ་སྤྱོད་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུའི་འགན་ལེན་བྱས་པ་མ་ཟད། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བཏོད་ཡོད་པ་རེད།